༄༅།  །བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོའི་མགྲོན་བརྡ།

འདི་ག་བྱང་ཨ་རིའི་གདན་ས་བརྩེ་ཆེན་ཀུན་ཁྱབ་གླིང་དུ་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དབུ་བཞུགས་ཐོག་བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་དང་པོའི་མཛད་རིམ།

 

སྤྱི་ལོ། ༢༠༡༧ཟླ་བ་༩  ཚེས་༢༡ ཉིན།

༡༽༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ནས་བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོའི་མཛད་སྒོ་དབུ་འབྱེད་བཀའ་དྲིན་སྐྱོང་རྒྱུ།

༢༽མགོན་པོ་གང་གི་སྐུའི་འཁྲུངས་སྟོན་དང་སྟབས་བསྟུན་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་སློབ་འབངས་ཡོངས་ནས་བཀའ་དྲིན་རྗེས་དྲན་བརྟན་བཞུགས་འབུལ་རྒྱུ།

 

སྤྱི་ལོ། ༢༠༡༧  ཟླ་བ་༩  ཚེས་༢༢ ཉིན།

དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་གཞིའི་མཛད་རིམ་ཁག་གནང་རྒྱུ།

 

སྤྱི་ལོ། ༢༠༡༧ ཟླ་བ་༩  ཚེས་༢༣ ཉིན།

༡༽  སྨོན་ལམ་ཆེན་མོའི་མཛད་རིམ།

༢༽༧སྐྱབས་མགོན་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་དགའ་སྟོན་མཛད་སྒོ་སྤེལ་རྒྱུ།

༣༽ ༧སྐྱབས་མགོན་༧གོང་མ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་འབུལ་རྒྱུ།

 

སྤྱི་ལོ། ༢༠༡༧ ཟླ་བ་༩  ཚེས་༢༤ ཉིན།

༡༽  བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ལེགས་གྲུབ་ཀྱི་བཀའ་དྲིན་གཏང་རག་འབུལ་རྒྱུ།

༢༽   ༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ནས་མི་མང་ལ་ཚེ་དབང་གནང་རྒྱུ།

 

དེ་ལྟར་ཉིན་བཞིའི་རིང་ཚོགས་གཏན་ཁེལ་བ་ལགས་ན།    སྐུ་ཉིད་དགེ་རྩ་རླབས་པོ་ཆེ་འདིའི་གལ་ཆེན་གྱི་སྐུ་མགྲོན་དུ་ངེས་ཕེབས་ཡོང་བ་ཞུ།

ཞེས་བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོའི་ཡིག་ཚང་ནས།     སྤྱི་ལོ་༢༠༡༧ ཟླ་༤ ཚེས་༢༣ ལ་ཕུལ།

 

ས་གནས།  ནེའུ་ཡོག་བརྩེ་ཆེན་ཀུན་ཁྱབ་གླིང་དུ།

12 Edmunds Lane, Walden, NY 12586

དུས་ཚོད།  བོད་རྒྱལ་ལོ། ༢༡༤༤ ཟླ་༨ ཚེས་༡ དང་། ཕྱི་ལོ་༢༠༡༧ ཟླ་༩ ཚེས་༢༡ ཉིན། སྔ་དྲོ།  ཕྱག་ཚོད། ༩ ནས་༡༢ བར།  ཕྱི་དྲོ། ཕྱག་ཚོད།  ༢ ནས་༥ བར་ཡིན་ལགས།