We are pleased to announce the arrival of His Holiness the Kyabgon Gongma Trichen Dorje Chang as well as His Holiness the 42nd Sakya Trizin Rinpoche on July 11th, 2019. Kindly join us in welcoming them to the Pacific Northwest for the 3rd Annual North American Sakya World Peace Monlam!
གསལ་བསྒྲགས།

༄༅། །འཛམ་གླིང་ས་ཕྱོགས་གང་སར་ནས་ཕེབས་པའི་བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོར་ཚོགས་བཅར་བ་ཡོངས་དང་། ས་གནས་འདི་གའི་དད་ལྡན་སེར་སྐྱ་ཕོ་མོ་ཡོངས་ཀྱི་སྙན་དབང་དུ།

ཆེད་གསོལ།
སྤྱི་ལོ་༢༠༡༩ ཟླ་༧ ཚེས་༡༡ ཉིན། ཕྱག་ཚོད། ༡༢:༢༠ ཐོག་སི་ཨ་ཊ་རྒྱལ་སྤྱིའི་གནམ་ཐང་དུ། གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧དཔལ་ལྡན་ས་སྐྱ་པ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་རྣམ་གཉིས་ཆིབས་བསྒྱུར་བཀའ་དྲིན་སྐྱོང་རྒྱུ་གཏན་ཁེལ་ལགས་ན། འདིར་ཡོད་ཀྱི་དད་ལྡན་སེར་སྐྱ་མི་མང་རྣམ་པ་ཕེབས་བསུ་ལ་སྐུ་བཅར་ཞུ་དགོས་འདུག་པས་དེ་དོན་ལྟར་དགོངས་མངའ་ཡོང་བར་མཁྱཻན་མཁྱེན།།

ཞེས་བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཚོགས་པའི་ཡིག་ཚང་ནས།
སྤྱི་ལོ་༢༠༡༩ ཟླ་༦ ཚེས་༢༢ ཉིན་ཕུལ།