བདེ་ལེགས་སུ་གྱུར་ཅིག བསོད་ནམས་ཡེ་ཤེས་མཐར་སོན་ཆུ་གཏེར་ལས། །ལེགས་འོང་རྒྱ་བོད་མཁས་གྲུབ་བགྲང་ཡས་ཀྱི། །གཙུག་གི་རྒྱལ་མཚན་རྩེ་མོར་ངལ་གསོ་བའི། །རྗེ་བཙུན་རིན་ཆེན་དབང་པོར་སྙིང་ནས་འདུད། །གང་གི་རྣམ་ཐར་ཡིད་བཞིན་ཆུ་མཚ􏰁་ལས། །མཐོན་པོའ་ིཆ་ཤས་དཀར་གསལ་འཁྱིལ་རིས་ཅན། །ངོ་མཚར་གཏམ་གྱི་སྒྲ་དབྱངས་ཁོ་བོས་སྨྲ། །སྐལ་བཟང་དཔྱོད་ལྡན་ཚ􏰁གས་རྣམས་མཉན་པར་བྱོས། །དེ་ལ་འདིར་རྗེ་བཙུན་ས་སྐྱ་པ་ཆེན་པོའ་ིསྲས་ཀྱི་ཐུ་བོ་མཁས་གྲུབ་ཆེན་པོ་རྗེ་བཙུན་བསོད་ནམས་རྩེ་མོའ་ིཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ཅུང་ཟད་ཙམ་བརྗོད་ན། རྗེ་བཙུན་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོས་བཙུན་མོ་གཉིས་ཁབ་ཏུ་བཞེས་པའི་ཆེ་བ་ཡུལ་ཚ་མོ་རོང་པ། རིགས་རྗེ་བཙད། མིང་མ་གཅིག་འོད་སྒྲོན་ཞེས་བྱ་བ་ལ་སྲས་གསུམ་འཁྲུངས་པའི་ཆེ་བ་བདག་ཉིད་ཆེན་པོ་འདི་ཡིན་ལ། དེ་ཡང་ཡབ་དགུང་ལོ་ལྔ་བཅུ་རྩ་གཅིག་བཞེས་པ་ཆུ་ཕོ་ཁྱིའི་ལོ་ལ། དཔལ་ལྡན་ས་སྐྱའི་ཆུ་མིག་རྫིང་ཁ་ཞེས་བྱ་བའི་གནས་སུ་ངོ་ མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས། དེའི་ཚ􏰂་འཕགས་ཡུལ་མ་ག་དྷ་རྡོ་རྗེ་གདན་གྱི་སྒོའ་ིཡ་ཐེམ་ལ་འཇམ་དཔལ་གྱི་སྤྲུལ་པ་མཁན་པོ་བསོད་ནམས་རྩེ་མོ་རྡོ་རྗེ་ཐེག་པ་མཐའ་དག་གི་དབང་ཕྱུག་དམ་པ་ས་སྐྱར་སྐྱེས་སོ་ཞེས་པ་མཁའ་འགྲོ་མས་ཡི་གེར་བྲིས། དེ་ནས་ཀཽ་ཤཾ་བིའི་པཎྜི་ཏ་དེ་བ་མ་ཏིས་ཕྱོགས་ཐམས་ཅད་དུ་བསྒྲགས་པ་ལས་རིམ་པར་བརྒྱུད་དེ་བོད་ཉིད་ལས་རྩད་ཆོད་པར་གླེང་། འཁྲུངས་མ་ཐག་ཏུ་སཾ་ཀྲྀ་ཏའི་སྐད་མང་པོ་གསུང་བ་དང་། བདག་ནི་བྱིས་པའི་སྤྱོད་པ་ལས་འདས་པའོ། །ཞེས་ལན་གཉིས་གསུམ་དུ་སྦྲེལ་ནས་གསུངས་ཤིང་། དུས་དང་རྣམ་པ་ཐམས་ཅད་དུ་སྐྱིལ་ཀྲུང་འབའ་ཞིག་བཅས་ཏེ་བཞུགས་པས་ཀུན་ངོ་མཚར་བར་གྱུར། ཆུང་ངུ་ཉིད་ནས་མ་བསླབས་པར་ཡང་ཆོས་ཀྱི་སྒོ་དུ་མ་མཁྱེན། འོད་གསལ་རྒྱུན་དུ་འཆར། ཏིང་ངེ་འཛིན་དུ་མ་ལ་མཉམ་པར་འཇོག འཕགས་ཡུལ་དུ་གྲུབ་ཆེན་མི་ཐུབ་ཟླ་བ་ལ་སོགས་པའི་པཎྜི་ཏ་ཆེན་པོ་བཅུ་གཅིག་ཏུ་རིམ་པར་བརྒྱུད་ནས་སྐྱེ་བ་བཞེས་པ་དྲན་ཏེ་གསལ་བར་གསུངས། དགུང་ལོ་ གསུམ་བཞེས་པའི་ཚ􏰂་དཔལ་ཀྱཻ་རྡོ་རྗེ། རྗེ་བཙུན་འཇམ་པའི་དབྱངས། རྗེ་བཙུན་མ་སྒྲོལ་མ་རྣམས་མངོན་སུམ་ཞལ་གཟིགས། ཀྱཻ་རྡོ་རྗེའི་རྒྱུད་གསུམ། བདེ་མཆོག་རྩ་རྒྱུད། ཀུན་ལས་བཏུས་དང་ལྔ་ཐོགས་མེད་དུ་ཐུགས་ལས་གསུངས། རང་གི་ཡབ་ལས་རྡོ་རྗེ་ཐེག་པའི་དབང་བྱིན་རླབས། རྒྱུད་ལུང་། མན་ངག་ཕྱག་བཞེས་མཐའ་དག་ལེགས་པར་གསན་ནས་མ་ལུས་པར་ཐུགས་སུ་ཚུད་པར་མཛད། འཇམ་པའི་དབྱངས་ཀྱིས་བྱིན་རླབས་པའི་མཐུས་དགུང་ལོ་བཅུ་དྲུག་ཚུན་ཆད་ལ་རྡོ་རྗེ་ཐེག་པའི་ཆོས་ཚུལ་མཐའ་དག་ལ་སྒྲོ་འདོགས་ལེགས་པར་ཆོད་དེ་དགུང་ལོ་བཅུ་བདུན་ལ་ཉེ་བའི་ཚ􏰂་རྒྱུད་སྡེ་བཅུ་བཞི་ཐུགས་ལས་གསུངས། རྒྱ་གར་ཆུ་བོ་གངྒཱ་ཚུན་ཆད་ལ་རྡོ་རྗེ་ཐེག་པ་ལ་མཁས་པར་རྩོད་མེད་དུ་ཡོངས་སུ་གྲགས། བཅུ་བདུན་པ་ལ་ཡབ་ཞི་བར་གཤེགས་ནས་ཐུགས་དགོངས་རྫོགས་པའི་སླད་དུ་ཆོས་འཁོར་ཆེན་པོ་མཛད། དེའི་ཚ􏰂་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་དགུང་ལོ་བཅུ་གསུམ་པ་ལ་གདན་ས་གཏད་ནས། ཁྱོད་ས་སྐྱར་སྡོད་ལ་བཤད་པ་གྱིས། ངས་དབུས་སུ་ཕྱིན་ཏེ་ཕར་ཕྱིན་དང་དབུ་ཚད་ལ་སོགས་ཉན་ལ་འོང་གསུངས། གསང་ཕུ་ནེའུ་ཐོག་ཏུ་ཆ་པ་ཆོས་ཀྱི་སེང་གེ་ལ་ཆོས་གསན་པ་ལ་སྔ་ཕྱི་ཡོངས་དྲིལ་ལོ་བཅུ་གཅིག་ཙམ་བཞུགས་ནས་ སྡེ་སྣོད་ཀྱི་ཆོས་ལ་མཁས་པའི་ཕ་རོལ་ཏུ་སོན་པར་གྱུར། ཡུམ་རྒྱས་པ་དང་། གཞན་ཡང་ཟང་ཟིང་གི་དངོས་པོ་བསམ་གྱིས་མི་ཁྱབ་པ་ཕུལ་ཏེ་མཉེས་པར་བྱས། ཁོང་གི་སློབ་མ་ཆེ་བར་གྲགས་པ་སེང་ཆེན་བརྒྱད། སེང་འདྲ་བརྒྱད། ཇོ་སྲས་བཞི་ཞེས་བྱ་བ་ལ་སོགས་པ་མང་དུ་ཡོད་པ་ལས། ཇོ་སྲས་བཞི་ནི། འཁོན་ས་ཇོ་སྲས་རྩེ་མོ། ཁུ་ཇོ་སྲས་ནེ་ཙ􏰁། རྔོག་ཇོ་སྲས་རྭ་མོ། སྙོས་ཇོ་སྲས་བོད་མ་དང་བཞིར་གྲགས་པའི་ནང་ནས་མཆོག་ཏུ་གྱུར་པ་འཁོན་ཇོ་སྲས་རྩེ་མོ་ཞེས་ཡོངས་སུ་གྲགས་སོ། །དགུང་ལོ་ཉི་ཤུ་རྩ་དྲུག་བཞེས་པ་མེ་མོ་ཕག་གི་ལོ་ལ་མངའ་རིས་གུང་ཐང་ན་ལ་རྩེ་གནས་གསར་གྱི་གཙུག་ལག་ཁང་དུ་ཆོས་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་ཆེན་པོ་ཐུགས་རྩོམ་གནང་། དེའི་ནང་དུ་བསྟན་པའི་རྩིས་ཀྱི་རྣམ་པར་གཞག་པ་སྐྱོན་ཐམས་ཅད་དང་བྲལ་བ་ཡང་མཛད། དེ་ལྟར་མཁས་པ་ཆེན་པོར་གྱུར་ནས་ནང་དུ་དེ་ཁོ་ན་ཉིད་ཀྱི་དོན་ལ་མཉམ་པར་འཇོག་ཅིང་། རྗེས་ཐོབ་ཏུ་ཡང་འཆད་པ་དང་། རྩོད་པ་དང་། རྩོམ་པའི་བྱ་བས་དུས་འདའ་ཞིང་། ཁྱད་པར་ཉིན་མཚན་ཀུན་ཏུ་ཡི་དམ་གྱི་ལྷ་ཀྱཻ་རྡོ་རྗེ་དང་། འཁོར་ལོ་བདེ་མཆོག་ལ་སོགས་པ་དང་། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བིར་ཝ་པ་ཆེན་པོ་རང་གི་ཡབ་རྗེ་བཙུན་ས་སྐྱ་པ་ཆེན་པོ་སོགས་མངོན་སུམ་དུ་ཞལ་གཟིགས་ནས་རྒྱུན་མི་འཆད་པར་ཆོས་ཀྱི་ཚུལ་བསམ་གྱིས་མི་ཁྱབ་པ་གསན་ཅིང་། ཐེ་ཚ􏰁མ་མཐའ་དག་གཅོད་པར་མཛད་པའི་མཐུས་ཤེས་བྱ་རིག་པའི་གནས་ཐམས་ཅད་ལ་བསྙེལ་བ་མི་མངའ་བས། དགུང་ལོ་ཉི་ཤུ་རྩ་བདུན་བཞེས་པའི་ཚ􏰂་འཛམ་བུ་གླིང་པའི་བསྟན་པའི་སྲོག་ཤིང་ཆེན་པོ་ཡིན་ནོ་ཞེས་སྙན་པའི་གྲགས་དཀར་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར། དགུང་ལོ་ཉེར་བརྒྱད་བཞེས་པའི་ཚ􏰂། ས་སྐྱའི་གཟིམ་ཁང་རྙིང་མར་ལམ་འབྲས་གསུངས་པའི་ལྟ་བའི་སྐབས་སུ། དམ་པ་འདི་ཉིད་ལ། སློབ་མའི་མཆོག་རྣམས་ཀྱིས་དག་པའི་མཐོང་སྣང་མི་འདྲ་བ་གསུམ་ཤར་ཏེ། དེ་ཡང་རྗེ་བཙུན་རིན་པོ་ཆེའི་གཟིགས་སྣང་ལ་ ནམ་མཁར་རྗེ་བཙུན་འཇམ་དབྱངས་ལ་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པས་བསྐོར་བར་གཟིགས། དེ་ བཞིན་དུ་ཇོ་སྲས་ལྕགས་ཀྱི་རྡོ་རྗེ་དང་ཞུ་བྱས་ལ་བིར་ཝ་པ། གཞན་གཉག་དང་། རྨོག་སྟོན། གཙུག་ཏོར་རྒྱལ་པོ་ལ་སོགས་པ་བཅུ་དྲུག་ཙམ་གྱིས་འཕགས་པ་སྤྱན་རས་གཟིགས་སུ་མཐོང་ཞིང་། དེ་ཐམས་ཅད་ཀྱི་རྒྱུད་ལ་ཏིང་ངེ་འཛིན་གྱི་སྒོ་དུ་མ་བསྐྲུན་པར་མཛད། རྒྱུ་དུས་དབང་བསྐུར་བའི་ཚ􏰂། རྗེ་བཙུན་ཆེན་པོའ་ིགཟིགས་སྣང་ལ་འོད་དང་འོད་ཟེར་གྱི་སྣང་བ་དཔག་ཏུ་མེད་པ་འཕྲོ་ཞིང་འདུ་བ་དང་། ལྷའི་རོལ་མོའི་སྒྲ་དབྱངས་བསམ་གྱིས་མི་ཁྱབ་པ་སྒྲོག་པ་ལ་སོགས་པ་མཆོད་པའི་སྤྲིན་ཕུང་གཞལ་གྱིས་མི་ལང་བའི་ངོ་མཚར་དང་བཅས་པའི་དབུས་ན་དམ་པ་འདི་ཉིད་ཧེ་རུ་ཀ་ལྷ་དགུའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་གཟིགས་ཤིང་། དུས་དེའི་ཚ􏰂་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་། ཟབ་མོའ་ིདོན་བསྟན་པས་ཏིང་ངེ་འཛིན་གྱི་སྒོ་བསམ་གྱིས་མི་ཁྱབ་པ་འབྱེད་པར་མཛད་པ་ཡིན་ནོ། །དེ་ལྟ་བུའི་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་འདི་ཉིད་ཀྱིས་རྣལ་འབྱོར་བླ་ན་མེད་པའི་བརྟུལ་ཞུགས་ཀྱི་སྤྱོད་པས་རི་བོ་གྲུ་འཛིན་དང་། ལྷོ་ཕྱོགས་དཔལ་གྱི་རི་བོ་དང་། ནུབ་ཕྱོགས་ཨུ་ཌི་ཡ་ན་མཁའ་འགྲོའ་ིཕོ་བྲང་ལ་སོགས་པ་རྣམས་ཉིན་ཕྱེད་ཙམ་ལ་ཡུད་ཀྱིས་བསྐོར་ཞིང་། དཔའ་བོ་དང་ཌཱ་ཀིའི་ཚ􏰁གས་བསམ་གྱིས་མི་ཁྱབ་པ་དང་རྣམ་འཕྲུལ་དུ་མས་ལྷན་ཅིག་ཏུ་རོལ་ཞིང་རྩེ་བར་མཛད་པ་ཡིན་ནོ། །མདོར་ན་ཚངས་པར་སྤྱོད་པའི་དགེ་བསྙེན་གྱི་བརྟུལ་ཞུགས་ཀྱི་མཆོག་ལ་གནས་ཤིང་། དེའི་སྟེང་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་། རིག་པ་འཛིན་པའི་དམ་ཚིག་དང་སྡོམ་པ་མཐའ་དག་གིས་མཛ􏰂ས་པར་བྱས་པའི་གསུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོར་བཞུགས་པ་ཡིན་ལ། དེ་དག་གི་ཀུན་ཏུ་སྤྱོད་པ་མཐའ་དག་ལའང་ཉེས་པའི་དྲི་མ་ཕྲ་ཞིང་ཕྲ་བས་ཀྱང་མ་གོས་པར་མཛད། གོང་དུ་སྨོས་པའི་ཚུལ་གྱི་སྒྲ་དང་། ཚད་མ་དང་། ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་རྡོ་རྗེ་ཐེག་པ་གཙ􏰁་བོར་གྱུར་པའི་རིག་ པའི་གནས་མཐའ་དག་ལ་མཁས་པའི་ཕ་རོལ་ཏུ་སོན་པ་ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོར་གྱུར་ནས། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་གསལ་བར་མཛད་པ་ལ་འགྲན་པའི་ཟླ་དང་བྲལ་བ་ཡིན་ཞིང་། གསུང་ལས་བསྐྲུན་པའི་སློབ་མའི་མཆོག་ཀྱང་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་སྐུ་མཆེད། ཞུ་བྱས་རྣལ་འབྱོར། ཇོ་སྲས་ལྕགས་ཀྱི་རྡོ་རྗེ། ནེ་ཙ􏰁་སྦལ་སྟོན། རྨོག་སྟོན་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། མདོར་ན་རྗེ་ས་ཆེན་གྱི་ཞལ་སློབ་ཕལ་ཆེར་ཡང་འདིའི་སློབ་མར་གྱུར་པ་ཡིན་ནོ། །རྩོད་པའི་སྒོ་ནས་བསྟན་པ་གསལ་བར་མཛད་པའི་ཚུལ་ཡང་། མཐར་ཐུག་འབྲས་བུ་གཅིག་ཏུ་གྲུབ་པ་ལ་ལོག་པར་རྟོག་པ། ཟབ་པ་དང་རྒྱ་ཆེ་བའི་ཐེག་པ་ཆེན་པོ་རྣམ་གཉིས་དོན་གཅིག་པ་ལ་ལོག་པར་རྟོག་པ། རྡོ་རྗེ་ཐེག་པའི་བྱུང་ཚུལ་ལ་ལོག་པར་རྟོག་པ། ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་ལ་ལོག་པར་རྟོག་པ། བཀའི་བསྡུ་བ་བྱས་པའི་ཚུལ་ལ་ལོག་པར་རྟོག་པ། ཚ􏰂་འདིར་མཐོང་ལམ་ཐོབ་ཀྱང་ལུས་རྒྱ་མ་ཞིག་བར་དུ་ཡོན་ཏན་མི་འབྱུང་བར་འདོད་པའི་ལོག་རྟོག་སོགས། མདོར་ན་རྒྱལ་བའི་བསྟན་པ་ལ་འཁྲུལ་པར་སྨྲ་བ་མཐའ་དག དྲི་མ་མེད་པའི་ལུང་དང་། དངོས་པོ་སྟོབས་ཞུགས་ཀྱི་རིག་པས་སུན་དབྱུང་བར་མཛད་པ་ཡིན་ནོ། །གསུང་རབ་རྩོམ་པའི་སྒོ་ནས་བསྟན་པ་ལ་བྱ་བ་མཛད་ཚུལ་ཡང་། ཐུན་མོང་དུ་ཉེ་བར་ཕན་འདོགས་པའི་བསྟན་བཅོས་ཆེན་པོ་ཆོས་ལ་འཇུག་པའི་སྒོ་ཞེས་བྱ་བ་དང་། བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་ཊཱི་ཀ་བྱིས་པ་བདེ་བླག་ཏུ་འཇུག་པ་རྣམས་མཛད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ལ། རྒྱུད་འཆད་ཐབས་ཀྱི་མན་ངག་ཚུལ་བཞིའི་དང་པོ་གསུམ་གསལ་བར་སྟོན་པ་རྒྱུད་སྡེ་སྤྱིའི་རྣམ་པར་གཞག་པ་ཞེས་བྱ་བའི་བསྟན་བཅོས་རྩ་རྒྱུད་བརྟག་གཉིས་ཀྱི་ས་བཅད། རྣམ་བཤད་ཉི་མའི་འོད་ཟེར། དེ་ལ་ཡང་དག་སྦྱོར་བའི་རྒྱུད་ཀྱི་ཊཱི་ཀ་གནད་ཀྱི་གསལ་བྱེད། དེའི་བསྡུས་དོན། སྒྲུབ་ཐབས་ མཚ􏰁་སྐྱེས་ཀྱི་ཊཱི་ཀ ཀྱཻ་རྡོ་རྗེ་མཚ􏰁་སྐྱེས་ལུགས་ཀྱི་དབང་ཆོག ཀྱཻ་རྡོ་རྗེ་འགྲེལ་པ་ལུགས་ཀྱི་དཀྱིལ་ཆོག བཟང་པོ་ཡོངས་བཟུང་གི་རབ་གནས་དང་སྦྱིན་སྲེག་གི་ཊཱི་ཀ ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་མངོན་རྟོགས་ རྒྱས་པར་ཡན་ལག་བཞི་པ། དབང་གི་ཆུ་བོ་ཆེན་པོ། རབ་གནས་བཟང་པོ་དྲུག་པ། ཞི་བའི་སྦྱིན་སྲེག་བདག་མེད་མའི་དབང་གི་ཐོ་ཡིག་སྟེ་ཀྱཻ་རྡོ་རྗེའི་ཆོས་སྐོར་དུ་མ་དང་། འཁོར་ལོ་བདེ་མཆོག་གི་སྐོར་ལ་རྡོ་རྗེ་དྲིལ་བུ་པའི་ལུགས་ཀྱི་སྒྲུབ་ཐབས། དྲིལ་བུ་པའི་དབང་གི་བྱ་བའི་ཊཱི་ཀ ལཱུ་ནག་གི་མཆོད་ཕྲེང་། བྱ་སྤྱོད་ཀྱི་སྐོར་ལ་གཙུག་ཏོར་རྣམ་རྒྱལ་གྱི་རྟོག་པའི་ཊཱི་ཀ་དང་ས་བཅད། སེང་གེ་སྒྲའི་སྒྲུབ་སྐོར། དོན་ཡོད་ཞགས་པའི་ལོ་རྒྱུས། དོན་ཞགས་རྒྱུད་ཆུང་གི་ས་བཅད། དོན་ཞགས་ལྷ་ལྔའི་བསྟོད་པ། དོན་ཡོད་ཞགས་པའི་མདོའ་ིའགྲེལ་པ། རྡོ་རྗེ་གདན་པའི་མན་ངག་ཆོས་དྲུག མི་གཡོ་བ་སྔོན་པོའ་ིཆོས་སྐོར། ཁ་འབར་གཏོར་ཆེན་གྱི་ཆོ་ག་རྣམས་དང་། གཞན་ཡང་ཐོར་བུའི་སྐོར། རྗེ་ས་ཆེན་ལ་བསྟོད་པ། ལམ་འབྲས་བརྒྱུད་པའི་གསོལ་འདེབས། སློབ་དཔོན་ཆ་པ་ལ་བསྟོད་པ། རྒྱ་སྒོམ་ཚུལ་ཁྲིམས་གྲགས་ལ་སྤྲིངས་ཡིག་སོགས་ལེགས་བཤད་ཀྱི་དགའ་སྟོན་དུ་མ་སྤེལ་བར་མཛད་དོ། །དེ་ལྟར་སྦྱིན་པ་རྣམ་པ་བཞིའི་སྒོ་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པའི་མཐར། དགུང་ལོ་བཞི་བཅུ་རྩ་གཅིག ཆུ་ཕོ་སྟག་གི་ལོ་སྨལ་པོ་ཟླ་བའི་ཚ􏰂ས་བཅུའི་ཉིན་འཇའ་དང་། འོད་དང་། སྒྲ་དང་། སྤོས་ཀྱི་དྲི་ངད་ལྡན་ཞིང་། ས་གཡོ་བ་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་མངོན་པར་གཤེགས་པར་མཛད་དོ། །དེ་སྐད་དུ་ཡང་། ཆོས་རྗེ་ས་སྐྱ་ པཎྜི་ཏ་ཆེན་པོས། གང་གི་སྲས་ཀྱི་ཐུ་བོ་པ། །འཇམ་པའི་དབྱངས་ཀྱིས་བྱིན་བརླབས་པས། །གནས་ལྔ་ལ་ནི་རབ་མཁས་ཤིང་། །བསོད་ནམས་ཡེ་ཤེས་རྩེར་སོན་ཏེ། །ཉིད་ཀྱིས་གཞན་དོན་རྫོགས་མཛད་ནས། །འཇིག་རྟེན་རྣམས་ནི་གཞུག་པའི་ཕྱིར། །བདེ་བ་ཅན་དུ་གཤེགས་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཞེས་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚ􏰁གས་མ་ལུས་པ་རྫོགས་པར་མཛད་པས་ལྷ་དང་བཅས་པའི་འཇིག་རྟེན་གྱི་གཙུག་གི་ནོར་བུའི་རྩེ་མོས་བཀུར་བའི་གནས་སུ་གྱུར་པ་མཁས་པ་ཆེན་པོ་འཇིག་རྟེན་གྱི་རྒྱན། རིག་པ་འཛིན་པའི་དངོས་གྲུབ་བརྙེས་ནས་བདེ་བ་ཅན་དུ་མངོན་སུམ་དུ་གཤེགས་པར་གྱུར་པ་ ཞེས་གསུངས་པ་རྣམས་ཀྱིས་ཆེས་ཆེར་གསལ་བར་བྱས་པ་ཡིན་ནོ། །གསུང་ངག་བརྒྱུད་པའི་མཆོག་གྱུར་རྣམ་ཐར་འདི། །གསུང་ངག་བརྒྱུད་པའི་རྟོགས་བརྗོད་ཁ་སྐོང་དུ། །གསུང་ངག་མཛ􏰁ད་འཛིན་བློ་གསལ་གང་དེས་སྦྱར། །གསུང་ངག་བསྟན་པ་ཕྱོགས་བཅུར་རྒྱས་གྱུར་ཅིག །འདི་བྲིས་དགེ་བས་སེམས་ཅན་ཀུན། །བསོད་ནམས་ཡེ་ཤེས་ཚ􏰁གས་རྫོགས་ཏེ། །དཔལ་ལྡན་ས་བཅུའི་རྩེ་མོ་ནི། །རྡོ་རྗེ་འཆང་དབང་འགྲུབ་པར་ཤོག །རྗེ་བཙུན་རིན་པོ་ཆེ་བསོད་ནམས་རྩེ་མོའི་རྣམ་པར་ཐར་པ་དོན་གྱི་སྙིང་པོ་བསྡུས་པ་འདི་ནི། ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་བློ་གསལ་གྱི་མིང་གིས་སྒྱུར་བྱེད་ཀྱི་ལོ་རྟ་ལྗང་ལུག་གི་ཁྱིམ་དུ་རྩེ་དགས་རོལ་བའི་མར་ངོའ་ིབཟང་པོ་གསུམ་པའི་ཚ􏰂ས་ལ། དགེ་འཕེལ་རི་བོའ་ིསྤོ་ལ་སྦྱར་བ་དགེ་ལེགས་འཕེལ་གྱུར་ ཅིག །།ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཱཾ།། །།